ཆོས་ཉིད་ཟེར་བ་འདིའི་ལྟག་རྒྱབ་ཏུ་ཅི་ཞིག་ཡོད་དམ། མཚམས་རེར་ང་རང་དྲི་བ་འདིའི་དྲ་བར་ཚུད་ནས་ཐར་ཐབས་ཤིག་མི་འདུག ཨ་རིའི་དངོས་ལུགས་རིག་པ་བ་ལིས་སི་མོ་ལིན་མཆོག་གིས་གསུངས་རྒྱུར། བསམ་བློ་ཞིག་གིས་ཁྱེད་ཀྱི་བསམ་བློ་ལ་འགྱུར་བ་བཏང་ཚེ་དེ་ནི་མཚན་ཉིད་རིག་པར་གཏོགས་ལ། དཀོན་མཆོག་གིས་ཁྱེད་ཀྱི་བསམ་བློ་ལ་འགྱུར་བ་བཏང་ཚེ་དེ་ནི་ཆོས་ལུགས་དད་མོས་ལ་གཏོགས། ཡང་དོན་དངོས་ཤིག་གིས་ཁྱེད་ཀྱི་བསམ་བློ་ལ་འགྱུར་བ་བཏང་ཚེ་དེ་ནི་ཚན་རིག་ལ་གཏོགས་པ་ཡིན་གསུངས། ཡིན་ན་ཡང་ང་ལ་མཚོན་ན་མཚན་ཉིད་རིག་པ་དང་ཆོས་ལུགས་དད་མོས། ཚན་རིག་གང་ཡིན་ཡང་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་ཆོས་ཉིད་ཟེར་བ་དེའི་ལྟག་རྒྱབ་ཏུ་ཅི་ཞིག་ཡོད་པ་དེར་ལན་རྒྱག་བཞིན་ལས་མ་འདས་ཏེ། དེ་དག་གིས་དེ་དེ་བཞིན་ནོ་ཞེས་སོ་སོའི་རིག་ལམ་ཞིག་གིས་སྒྲུབ་ནས་ཀུན་ཡིད་ཆེས་བར་བརྩོན་བཞིན་ཡོད་པ་འདྲ།
发布于 北京
