炯-慈诚蒋措
26-06-02 11:09 微博认证:超话主持人(宗萨仁波切超话)

དཔལ་མཚན་མཆོག་གསུམ་ལྡན་གྱི་གདུང་རྒྱུད་རིན་པོ་ཆེ་འཛིན་སྤེལ་བྱ་རྒྱུ་ནི་འཇིག་རྟེན་ཕལ་པས་ཕ་ཚ་བུ་རྒྱུད་སྤེལ་བ་ལྟ་བུ་མ་ཡིན་པར། རྒྱལ་བསྟན་སྤྱི་དང་བྱེ་བྲག་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་རྒྱུན་གནས་ཡོང་རྒྱུར་དགོས་པ་ཁྱད་པར་ཅན་ཡོད་པ་ལུང་རིགས་ཚད་མས་གྲུབ་ཡོད་པར་བརྟེན། ལོ་ངོ་ཆིག་སྟོང་ཉིས་རྒྱ་ལྷག་གི་སྔོན་ནས་འཇམ་དབྱངས་དངོས་བྱོན་འཁོན་རིགས་སྔགས་འཆང་ཡབ་མེས་གོང་མ་རྣམས་ཀྱིས་གདུང་སྤེལ་མཛད་རྒྱུ་ནི་བསྟན་པའི་བྱ་བ་གལ་ཆེན་ཞིག་ཏུ་ངོས་འཛིན་མཛད་ཀྱི་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།

ད་ལམ་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ལ་ཐུགས་བརྟག་ཞུས་པ་ལྟར་བརྟག་འབྲས་བཟང་ཞིང་། གདུང་སྲས་སྐུ་ཉིད་ཀྱི་ཐུགས་ལའང་བབས་ཡོད་པ་མ་ཟད། ཡབ་ཡུམ་གཉིས་ནས་ཐུགས་མོས་རྒྱབ་སྐྱོར་གནང་བ་ལྟར། བོད་རྒྱལ་ལོ་༢༡༥༣ ས་ག་ཟླ་བའི་ཚེས་༡༢། སྤྱི་ལོ་༢༠༢༦ ཟླ་བ་༥ ་ཚེས་༢༨ ཉིན། ཨ་རི་མི་ནི་སོ་ཊར་རྟེན་གཞི་བྱས་པའི་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་དུ་༸འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེས་སྡེ་དགེ་འཇོ་མདའ་ཁྲི་ཚོ་བཀྲ་ཤིས་ཚང་གི་སྲས་མོ་ཚེ་དཔག་ལྷ་མཚོ་དེ་ཉིད་དམ་ཚིག་ལས་ཀྱི་གཟུངས་མར་བསྟེན་པའི་བཀྲ་ཤིས་རྟེན་འབྲེལ་མཛད་སྒོ་ལེགས་པར་གྲུབ་པའི་གཏམ་བཟང་ཞུ་རྒྱུ་ཡིན།

དེ་ཡང་བདག་མོ་ཚེ་དཔག་ལྷ་མཚོ་དཔལ་གྱི་བུ་འཁྲིད་གང་ཉིད་ནི་རང་རེ་ས་སྐྱའི་བསྟན་པར་དད་གུས་ལྷག་བསམ་ཆེ་བའི་སྡེ་དགེ་འཇོ་མདའ་ཁྲི་ཚོ་བཀྲ་ཤིས་ཚང་གི་སྲས་མོ་ཡིན་ཞིང་། རང་བཞིན་ཐུགས་རྒྱུད་བཟང་ཞིང་གཞན་ཕན་ལྷག་པའི་བསམ་པ་རང་ཆས་སུ་མངའ་བ་སོགས་ཕྱི་ནང་གི་ཡོན་ཏན་དུ་མས་བརྒྱན་པ་ཞིག་ཡིན།

མཐའ་དོན་དཔལ་མཚན་མཆོག་གསུམ་ལྡན་གྱི་གདུང་སྲས་རིན་པོ་ཆེ་ངག་དབང་ཀུན་དགའ་ཐོགས་མེད་རྡོ་རྗེ་སྲིད་གསུམ་དབང་སྒྱུར་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོས་གང་ཉིད་ནས་ཡབ་མེས་སྔགས་འཆང་གོང་མ་རྣམས་ཀྱི་རྣམ་ཐར་བདག་གིར་བཞེས་ནས་མཛངས་པའི་ཡོན་ཏན་འབུམ་གྱིས་མཛེས་པའི་ཚེ་དཔག་ལྷ་མཚོ་དཔལ་གྱི་བུ་འཁྲིད་དེ་ཉིད་བདག་མོར་བཞེས་པ་ལ་བརྟེན་ནས་འཇམ་དབྱངས་དངོས་བྱོན་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་སྲིད་མཐའི་བར་དུ་གནས་ཏེ་རྗེ་བཙུན་གོང་མའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག
༸ འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེའི་ཡིག་ཚང་ནས།
སྤྱི་ལོ་༢༠༢༦ ཟླ་བ་ ༦ ཚེས་ ༣ ཉིན།

2026年5月28日,依循吉祥萨迦家族血脉持咒者之古老传统,董瑟·阿桑嘎·班札·仁波切(Dhungsey Asanga Vajra Rinpoche)与德格·久达·赤措·塔希仓(Dege Jodha Tritso Tashitshang)家族的达嫫·茨巴·拉措(Dagmo Tsepak Lhatso)共结连理。

在殊胜圆满的吉祥因缘具足之下,首场婚礼仪式于美国明尼苏达州的萨迦圆满宫(Sakya Phuntsok Phodrang)邸宅隆重举行。

祈愿透过昆氏董瑟·阿桑嘎·班札·仁波切与达嫫空行·茨巴·拉措·帕吉·布崔(Dagmo Kusho Tsepak Lhatso Palgyi Bhutri)之间的这一神圣婚盟,被视为文殊菩萨、观世音菩萨与金刚手菩萨化身的天界昆氏萨迦家族血脉得以绵延不绝、万世永续;亦愿借此法脉传承,藏传佛教萨迦派得以巍然屹立于世,世代兴盛,广利有情。

日期:2026年6月1日
尊贵的昆氏董瑟·阿桑嘎·班札·仁波切办公室 敬启

发布于 四川