拉先加1999
26-05-31 18:05

སྤོ་ལོ་འགྲན་བསྡུར་ནི་འཚོ་བའི་འགྲན་རྩོད་དང་མཚུངས་ཤིང་དེ་བས་ཀྱང་མི་ཚེའི་གོ་རིམ་ཞིག་དང་མཚུངས། རྒྱལ་ཕམ་ནི་མཚམས་ཤིག་ནས་རྩལ་ཤུགས་ཁོ་ན་མ་ཡིན་པར་སྙིང་སྟོབས་སམ་སེམས་ཤུགས་ལ་རག་ལས་པ་འདྲ། གང་ལྟར། ང་ལ་མཚོན་ན་དགའ་ཕྱོགས་གང་མང་ཞིག་རིམ་བཞིན་འགྱུར་འགྲོ་བཞིན་ཡོད་ཀྱང་། ལོ་ངོ་ཉི་ཤུ་ལྷག་གི་གོང་རོལ་དུ་སློབ་ཆེན་གྱི་ཉལ་ཁང་དུ་བརྙན་འཕྲིན་འཕྲུལ་ཆས་རྙིང་གོག་ཅིག་ལས། སློབ་གྲོགས་རྣམས་དང་ལྷན་དུ་ངར་སྐད་སྒྲོག་བཞིན་པེ་ཅིན་གྱི་ཚ་གདུག་ནངNBAཡི་འགྲན་རྩོད་ལ་ལྟ་བའི་དགའ་ཕྱོགས་དེ། ད་དུང་ཡང་བོར་མེད། འདི་ནི་ཆོ་མེད་ཀྱི་འཚོ་བའི་ནང་སེམས་གཟེངས་མཐོ་རུ་འཕྱུར་བའི་རྒྱུ་རྐྱེན་ཉུང་ཤས་ནང་གི་གཅིག་ཏུ་གྱུར་ཡོད།
一场球,像一个人的人生,起起伏伏。

发布于 北京