26-04-09 10:36

1.
●དྲི་བ།:བླ་མ་ལགས་སྐུ་ཁམས་བཟང་། ང་རང་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ། སེམས་ཁམས་ཀྱི་ནད་ཅིག་གིས་མནར་ནས་དཀའ་ངལ་ཆེན་པོ་བཟོས་སོང་། དེ་ནི་བཙན་སྐུལ་ཞེས་པའི་ནད་ཅིག་རེད། ནད་དེའི་མིང་ལ་བྲེད་ནད་ཀྱང་ཟེར། ངའི་ནད་འདི་འདྲ་ཡོད་མཁན་ཧ་ཅང་མང་པོ་འདུག ངའི་ནད་རྟགས་ནི་བཙན་སྐུལ་རང་བཞིན་གྱིས་བསམ་བློ་གཏོང་དགོས་པ་ཞིག་རེད། ནད་འདི་སྨན་རིག་གི་ཕྱོགས་ནས་བཅོས་ཐབས་མེད་པར་འདྲ། ཡིན་ཡང་ནང་ཆོས་ལ་སློབ་སྦྱོང་བྱས་རྗེས་ཕན་པོ་ཆེན་པོ་བྱུང་སོང་། ཆོས་གྲོགས་དང་དགེ་རྒན་མང་པོ་ཞིག་གིས། ང་ཚོ་ལ་སློབ་གསོ་བཏང་ནས་སེམས་ལ་འགྱུར་བ་ཆེན་པོ་བྱུང་། ཡིན་ནའང་ངས་མཐོང་གསལ་ལྟར་ན། ད་དུང་ནད་གྲོགས་གཞན་མང་པོ་ཞིག་ལའང་། ཚོར་སྣང་འདི་འདྲ་ཡོད་འདུག འཇིག་རྟེན་འདིའི་སྟེང་དུ་རང་ཉིད་བཅོས་ཐབས་མི་འདུག་སྙམ་ནས། ཡིད་ཆེས་གཏན་ནས་མེད་པར་གྱུར། ང་དང་ང་འདྲ་བ་དག་སྐྱོབ་པའི་ཆེད་དུ་ཆོས་ཤིག་གསུང་རོགས་ཞུ།
●ལན།:ང་ཚོར་འཇིགས་སྣང་སྟེར་བའི་ནད་རིགས་འདི་ནི། ཆོས་མངོན་པ་མཛོད་ཀྱི་འགྲེལ་བ་འགའི་ནང་དུ། སྐྱེ་བ་སྔོན་མར། བསམ་བཞིན་དུ་སྲོག་ཆགས་ཆུང་ཆུང་ཚོ་གང་སར་འཕངས་སྟེ། དེ་འཇིགས་སྣང་གི་ངང་ནས་འཆི་བར་བྱས་པ། དེའི་རྣམ་སྨིན་གྱིས། ཚེ་འདི་ལ་སེམས་ནང་དུ་རྒྱུན་པར་འདི་འདྲའི་སྡུག་བསྔལ་འབྱུང་བ་གསུངས། དེ་བཅོས་བྱེད་ཀྱི་ཐབས་གཅིག་པུ་ནི། ང་ཚོས་རྒྱུན་དུ་སྨན་བླ་བདེ་གཤེགས་བདུན་གྱི་མཚན་འདོན་པ་དང་། སྨན་མདོ་བརྒྱད་བརྒྱ་པ་དང་སྨན་གཟུངས་སོགས་བཏོན་ན། འདི་ལྟ་བུའི་སྡུག་བསྔལ་དང་ནད་སེལ་ཐུབ་པ་ཡིན། ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཡང་ད་རུང་འདི་འདྲའི་སྡུག་བསྔལ་མྱོང་མཁན་མང་པོ་ཡོད་པ་རེད། གལ་ཏེ་རང་ཉིད་ལ་ཆོས་ཀྱི་ཉམས་ལེན་ཅུང་ཙམ་ཡོད་ན། སེམས་ཅན་གཞན་གྱི་སྡུག་བསྔལ་དེ། དངོས་སུ་རང་གི་ལུས་ལ་བླངས་ནས། རང་གི་བདེ་བ་ཐམས་ཅད་སེམས་ཅན་དེ་ལ་བསྔོ་བ་དང་། རང་གི་འདི་ལྟ་བུའི་སྡུག་བསྔལ་དེས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གོ་ཆོད་པར་ཤོག་ཅེས། དེ་ལྟར་བསམས་ན། སྡུག་བསྔལ་རིམ་གྱིས་ཇེ་ཆུང་དུ་འགྲོ་བ་དང་། ནད་དེའང་སངས་དྲག་ཏུ་འགྱུར་བ་ཡིན།
ཧུའུ་ནན་དགེ་འོས་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།
●问:我十几年来深受精神障碍的困扰,我有一种强迫症,或者叫恐惧症,是从小就与生俱来的。我一直觉得自己是世上最不可救药的,根本没有自信,不可能得到救赎。虽然现在学佛后好了很多,但在全国,像我这样的病例非常多,医学却没办法治疗。请问上师,如何才能消除这种痛苦?
●答:假如今生患有一些恐惧症,按照《俱舍论释》的观点,是前世故意乱抛一些小生命,让它产生恐惧心所招致的果报。若能经常念药师七佛的名号及《药师经》,对遣除这样的痛苦和疾病很有帮助。倘若你有更高的境界,还可以观想:“世间上有许多像我这样的受苦者,愿他们的痛苦我来代受,我的快乐回向给他们。”如此修持自他相换,也能迅速减轻自己的痛苦,并逐渐获得康复。
选自:湖南师范大学演讲2011 / 11 / 18

发布于 四川