智悲金刚
26-03-09 09:24

མཁན་ཚུལ་ཁྲིམས་བློ་གྲོས།
慈诚罗珠堪布
རྟག་ཏུ་རང་ལ་ཤིན་ཏུ་དགའ་མཁན་གྱི་མི་དེར།
记住__时刻都在深爱着自己的人,
ཁྱོད་ཀྱིས་ནམ་ཡང་བེད་སྤྱོད་ལོག་པར་མ་གཏོང་།
你永远不要利用他 ,
རྟག་ཏུ་རང་ལ་དངོས་གནས་བརྩེ་བ་སྤྲད་མཁན་གྱི་མི་དེར།
时刻都在真正疼爱自己的人,
ཁྱོད་ཀྱིས་སྣང་མེད་དང་མགོ་སྐོར་མ་གཏོང་།
你不要忽视和欺骗他 ,
རྟག་ཏུ་ཁྱེད་རང་དྲན་མཁན་གྱི་མི་དེ།
时刻都在想念着自己的人,
ཁྱོད་ཀྱིས་ནམ་ཡང་མ་བརྗེད་པར་གྱིས།
你永远不要忘记他,
རྟག་ཏུ་ཁྱེད་རང་ལ་དྲང་བདེན་བྱེད་མཁན་གྱི་མི་དེར།
时刻都在真诚对待自己的人,
ཁྱོད་ཀྱིས་ནམ་ཡང་གཡོ་འཕྲུལ་མ་བྱེད།
你永远不要欺骗他,
རྟག་ཏུ་ཁྱེད་ལ་གུས་ཞབས་བྱེད་མཁན་གྱི་མི་དེར།
时刻都在尊敬礼待自己的人,
ཁྱོད་ཀྱིས་ནམ་ཡང་བརྩི་མཐོང་མེད་པ་མ་བྱེད།
你永远不要对他无礼 ,
རྟག་ཏུ་ཁྱོད་ལ་ཉེ་ཤོས་ཀྱི་མི་དེར།
时刻都在亲近自己的人,
ཁྱོད་ཀྱིས་སུན་སྣང་དང་ཨ་གསར་མ་བྱེད།
你不要对他厌烦和过讨喜新 ,
རྟག་ཏུ་ཁྱེད་ལ་འགྱུར་མེད་ཀྱི་དམ་ཚིག་སྲུང་མཁན་གྱི་མི་དེར།
时刻都在为你不变承诺的人,
ནམ་ཡང་ཁྱོད་ཀྱིས་དམ་ཚིག་ཁྲ་ཁྲ་བྱེད་མི་རུང་།
你永远不可以对他许花花。

发布于 青海