🔴 ཨ་ཨི་ཨེ་གསུམ་གྱི་གསར་འགྱུར། དེ་རིང་ཨ་རིའི་མཁའ་དམག་གི་འཐབ་འཛིང་གནམ་གྲུ་ F-15E གྲངས་ 3 ཁུ་ཝ་ཏིའི་མཁའ་དབྱིངས་སུ་འཕུར་བཞིན་པའི་སྐབས་སུ། ཁུ་ཝ་ཏིའི་དམག་དཔུང་གི་གནམ་སྲུང་མ་ལག་གིས། ཨེ་རན་གྱི་གནམ་གྲུ་དང་ནོར་ནས་ཐང་ལ་གཡུག་ཟིན་པ། ཨ་རིའི་དམག་དཔུང་གིས་ཐོག་མར་གཏན་འཁེལ། ཁ་ལོ་བ་ 6 ཚང་མ་བདེ་འཇགས་ངང་ཐང་ལ་བབས་ཟིན་པ་བསྒྲགས། ཨེ་རན་གྱི་རྒྱལ་ས་ཐེ་རན་ལ་དེ་རིང་མུ་མཐུད་དུ་གཏོར་རྒོལ་དྲག་པོ་ཐེབས་བཞིན་པའི་མཚམས་རེད།
👉ཁུ་ཝ་ཏི་རྒྱལ་ཁབ་ཀྱི་མཁའ་དབྱིངས་སུ། འཐབ་འཛིང་གནམ་གྲུ་ F-15 ཞིག་ཐང་ལ་གཡུག ཨ་རི་དང་ཨེ་ཛི་རལ་གང་གི་གནམ་གྲུ་ཡིན་པ་རེ་ཞིག་མི་གསལ་ནའང་། ཨེ་རན་གྱིས་ཁོ་ཚོས་ཐང་ལ་གཡུག་ཡིན་པ་བཤད། ཡིན་ན་ཡང་། གནས་ཚུལ་གཞན་དག་ལྟར་ན་འདི་ནི་ཨ་རི་དང་ཨེ་ཛི་རལ་གང་རུང་གིས། ཕལ་ཆེར་དགྲ་བོའི་གནམ་གྲུ་དང་ནོར་ནས་ཐང་ལ་གཡུག་ཡིན་པ་བཤད།
གནམ་གྲུའི་ཁ་ལོ་བ་བདེ་ལེགས་ངང་མཆོངས་ཐུབ་ཟིན་པའི་གནས་ཚུལ་ཐོན། འདི་ནི་དམག་འཁྲུག་འདིའི་ཁྲོད། འཐབ་འཛིང་གནམ་གྲུ་ཞིག་ཐང་ལ་གཡུག་པ་ཐོག་མ་དེ་གྱུར། གཞན་ཡང་རྡུ་བྷའེ་དང་ཁུ་ཝ་ཏི་སོགས་སུ་གས་འཐོར་འབྱུང་བཞིན་པའི་མཚམས་དང་། ཁུ་ཝ་ཏིར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱི་ཐག་ཉེར་དུ་བ་ཐོན་བཞིན་པའི་གནས་ཚུལ་ཐོན། དེ་བཞིན་ཨེ་རན་དམག་དཔུང་གིས། དེ་རིང་ཨེ་ཛི་རལ་གྱི་ཕྱོགས་སུ་འཕུར་མདའ་འཕངས།
གཞན་ཡང་ཨེ་ཛི་རལ་གྱི་བྱང་ཕྱོགས་ཁྱིམ་མཚེས། ལེ་བྷ་ནོན་གྱི་ཧེ་ཛི་བྷོ་ལ་དྲག་དཔུང་དང་། ཨེ་ཛི་རལ་གྱི་དམག་དཔུང་བར་གདོང་ཐུག་བྱུང་། ཨེ་ཛི་རལ་གྱི་དམག་དཔུང་གིས་ཧེ་ཛི་བྷོ་ལ་དྲག་དཔུང་གི་སྟེང་གཏོར་རྒོལ་ཁྲོད། ད་ལྟ་བར་ཉུང་མཐར་མི་ 31 བསད་ཅིང་གཞན་ 149 རྨས་ཟིན་པ་ལེ་བྷ་ནོན་གྱི་འཕྲོད་བསྟེན་ལྷན་ཁང་གིས་བསྒྲགས། ཧེ་ཛི་བྷོ་ལ་དྲག་དཔུང་དང་ཨེ་ཛི་རལ་བར་གྱི་གདོང་ཐུག་གཞི་རྒྱ་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དག་ལྟར་ན། ད་ལྟ་བར་དམག་འཁྲུག་འདིའི་ཁྲོད་ཉུང་མཐར་མི་ 200 བསད་ཟིན་པ་བཤད། http://t.cn/AXcu9PWs
发布于 美国
