碌BOOM
26-02-08 23:22

ཐེ་ལན་ཌི་ཡི་ནང་བའི་དགེ་སློང་ཚོ་འཛམ་གླིང་ཞི་བདེའི་ཆེད་དུ་ཨ་རིའི་ནང་ལ་ཞབས་ཐང་དུ་ཕེབས་བཞིན་པ་དང་། ཨ་རིའི་རྒྱལ་སར་འབྱོར་ལ་ཉེ། ལམ་བར་དུ་ས་གནས་སོ་སོར་མི་མང་འདུ་འཛོམས་ཀྱིས་སྣེ་ལེན་དང་རྒྱབ་སྐྱོར་ངང་། ཤེས་རིག་དར་ཞིང་ཆོས་ལུགས་ཀྱི་ཁྱབ་ཁོངས་སྣ་ཚོགས་པའི་མི་ཚོས་པུས་མོ་སར་བཙུགས་ཏེ་མེ་ཏོག་ཕུལ་བ་དང་མིག་ཆུ་གཏོང་བ་སོགས་ནི་མིའི་ལྷན་སྐྱེས་ཀྱི་སྙིང་རྗེ་དང་བྱམས་བརྩེ་ལ་ཉེ་བར་བཅར་བ་ཡིན་པས། དེར་ལྟ་མཁན་ཚོར་ཡང་ཡིད་འགུལ་ཚད་མེད་ཐེབས་བཞིན་པ་བཅས་ནི་འཛམ་གླིང་ཞི་བདེ་དང་། མིའི་བྱམས་པ་དང་བརྩེ་བ་དར་སྤེལ་གཏོང་བར་སྐུལ་སློང་གི་བརྡ་ལན་བརྗིད་ཅིང་མཛེས། མི་རེ་རེའི་སེམས་སུ་ཡོད་པའི་བརྩེ་བའི་འོད་མཚོ་སྒུལ་ནས་བྱམས་པ་དང་བརྩེ་བ། ཞི་བདེའི་ས་བོན་ལ་འགྱུར་ངེེས།
ངའི་བྱམས་བརྩེའི་ལོར་གཞན་གྱི་བྱས་པ་ལ་ཡིད་སྨོན་དང་བཅས walk for world peace 为了世界和平走路 http://t.cn/AX5TPcf8

发布于 美国