小沙弥随记
25-11-30 18:28 微博认证:佛学博主

ཉིན་འདི་དག་སློབ་སྦྱོང་གི་ཞོར་ལ་བླ་མ་ལམ་རིམ་པའི་གསུང་འབུམ་ཀློག་བཞིན་ཡོད། སྔོན་རྣམ་འགྲེལ་དང་དབུ་མ་ལ་སློབ་སྦྱོང་བྱེད་སྐབས་ཁོང་གི་ཚད་མའི་བརྗེད་བྱང་གཟུར་གནས་དགྱེས་པའི་མཆོད་སྤྲིན་དང་དབུ་མའི་བརྗེད་བྱང་དང་དོགས་དཔྱོད་སོགས་ལྟ་མྱོང་། བློ་སྐྱེད་མང་པོ་རག་སོང་། ལྷག་པར་དུ་ཁོང་གི་དབུ་མའི་གཞུང་ལ་ལྟ་དུས་རིགས་ལམ་དང་གཞུང་གི་འགྲེལ་སྟངས་ཙམ་མ་ཡིན་པ། ཁོང་ནི་དངོས་གནས་སྟོང་ཉིད་རྟོགས་ཡོད་ས་རེད་སྙམ་པའི་ཚོར་སྣང་སྤྲད། དབུ་མའི་གཞུང་གང་ལ་གང་འཚམ་དཔེ་ཀློག་བྱེད་མྱོང་། ཚོར་སྣང་དེ་འདྲ་སྤྲད་མཁན་ཉུང་ཉུང་ཡིན།
学习之余读兰仁巴大师的全集。

发布于 四川