25-11-25 16:33 微博认证:成都市迦入文化传播有限公司

ཇ་རྟའི་གནའ་ལམ་ཟིན་ཐོར་འགོད་མཁན་གྱི་ནུབ་ཕྱོགས་པ་ཐོག་མ།
阅读链接:http://t.cn/AXL6a3aZ

ཇ་རྟའི་གནའ་ལམ་སྟེ། སྤྱི་ལེ་༥༠༠༠ཡི་ལམ་ཐིག་འདི་ནི། འཇིག་རྟེན་སྟེང་གི་ཆེས་འཇིགས་ཉེན་ཆེ་བའི་འགྲུལ་བཞུད་ཅིག་ཡིན་ཞིང་། ཐུན་མོང་མ་ཡིན་པའི་ཉོ་ཚོང་གི་དོན་སྤྱི་འདི་ཉིད་མིའི་རིགས་ཀྱི་དྲན་ཤེས་དང་ལོ་རྒྱུས་ཀྱི་འདས་དོན་དུ་གྱུར་ཡོད། མི་ལོ་༡༣༠༠ནང་དུ། ཡུལ་སྐོར་པ་དང་གཉུག་མར་གནས་པའི་གྲོང་མི་ཁ་ཤས་ལ་རྒྱུས་མངའ་ཏོག་ཙམ་རེ་ཡོད་པ་མ་གཏོགས། ལམ་ཐིག་འདིའི་ཐོག་མཐའ་བར་གསུམ་གྱི་གཏམ་རྒྱུད་ནི་མི་སུ་ལ་ཡང་འཕྱང་མོར་ཉུག་ནས་ཡོད།

Fuchs ལགས་ཀྱིས། བོད་རིགས་དང་རྒྱ་རིགས། ས་གནས་ཀྱི་ཇ་ཞིང་པ་རེ་ཟུང་བཅས་ལས་གཞི་གྲུབ་པའི་དཔུང་སྡེ་ཞིག་སྟེ། ལུས་པོ་སྐེམ་ཐག་ཆོད་པའི་བསོད་ནམས་༼འདི་ནི་ Fuchs ཡི་སེམས་ཁོང་གི་དུག་ཁྲའི་དཔའ་རྒོད་蜘蛛侠ཡིན།༽ དང་། རྩེད་དགོད་བག་ཡངས་ཆེ་བའི་“མི་མ་ར་”རྡོ་རྗེ་མཁའ་འགྲོ། ད་དུང་། བོད་ལྗོངས་འཁྱག་རོམ་ནང་ཚེ་སྲོག་གི་ཉེན་ཁར་གདོང་གཏོད་མྱོང་བའི་ནོར་བུ་སོགས་དང་ལྷན་ཅིག  སེམས་པའི་རྟོད་ཐག་ཇ་ལ་བརྟད་པས། Fuchs ལགས་ནི་ཇ་རྟའི་གནའ་ལམ་ཧྲིལ་པོ་ཟིན་ཐོར་འབེབ་མཁན་གྱི་ནུབ་ཕྱོགས་པ་ཐོག་མ་དེར་གྱུར། 

#雪域##西藏##藏族##藏地##艺术##喜马拉雅艺术##喜马拉雅文化##音乐##文化##民谣##茶马古道#

发布于 北京