གངས་རིའི་ལྗོངས་ན་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱིས་རྒྱལ་བསྟན་ཉིན་མོ་བཞིན་གསལ་བར་བྱེད་པའི་ངེས་དོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། མཐོང་ཐོས་དྲན་རེག་གིས་འགྲོ་རྣམས་སྨིན་གྲོལ་གྱི་ལམ་བཟང་ལ་འགོད་པའི་རྒྱལ་བ་སྲས་བཅས་ཀྱི་གདུང་འཚོབ་ཏུ་བསམ་བཞིན་བྱོན་པའི་སྐྱེས་མཆོག ༧ གངས་རིའི་ལྗོངས་ཀྱི་མ་ཧཱ་པཎྚི་ཏ་རྗེ་བཙུན་བླ་མ་དམ་པ་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོ། ༧ རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་གསུང་གི་བདུད་རྩི།དུག་གསུམ་ནད་ཀྱི་གདུང་བའི་སྐྱེ་བོ་རྣམས་ལ་ལེགས་བཤད་བདུད་རྩིའི་དགའ་སྟོན་དཔལ་དུ་འཇོ་བའི་གསུང་མཆོག་བླ་ན་མེད་པ་བྱང་ཆུབ་ལམ་རིམ་ཆེན་པོའི་བཀའ་ཁྲིད་པོད་བརྒྱད་ཀྱི་བདག་ཉིད་ཅན་འདི་ནི་པར་དུ་བསྐྲུན་ནས་སྐལ་ལྡན་ལས་འཕྲོ་ཅན་དག་གིས་ལོངས་སྤྱོད་པའི་སྐལ་བ་བཟང་བོ་མངོན་པར་ཤར་བ་ལེགསསོ།།[祈祷][祈祷][祈祷]
发布于 四川
