ཁ་ཆེ་པཎ་ཆེན་བོད་དུ་ཕེབས་ནས་འཕྲིན་ལས་སྤེལ་བར་རྫོགས་པའི་མཐའ་དང་མེད་མོད།དུས་འཁོར་ལུགས་ཀྱི་རྩིས་དང་འདུལ་བའི་བཤད་ཉན་གྱི་རྒྱུན་སྤེལ་བར་བོད་པ་ཡོངས་ཀྱིས་བཀའ་དྲིན་གཞལ་བར་དཀའ་ཞེས་དྲན་དབང་པཎ་ཆེན་བསོད་གྲགས་སྨྲསྔོན་གྱི་ཡིག་ཚངས་སོགས་སུ་བྱེ་རྫིང་ཚོགས་པར་གྲགས་པའི་པཎ་ཆེན་སྡོམ་རྒྱུན་གྱི་གྲྭ་ཆེན་པོ་དེ་ནི་ད་ཆ་ཚོང་འདུས་ཚོགས་པ་ཞེས་སྔོན་གྱི་བྱེ་རྫིང་བའི་གནས་ཡུལ་སྙེ་མོ་ནས་ལྷོ་ཁ་གྲ་ནང་གི་རྒྱུད་དུ་དུས་ནམ་ཞིག་ཏུ་རྐྱེན་གང་ཞིག་ལ་བརྟེན་ཏེ་སྤར་བ་སོགས་ལ་འཇོན་ཚོད་ངང་སྔོན་གྱི་ཡིག་ཚངས་སོགས་སུ་གཞི་བཅོལ་ཏེ་བསེད་བཀྲོལ་དང་དབྱེ་ཞིབ་བགྱི་བའི་ཁུལ་བྱས་ཡོད།སྡེ་བ་ཡར་རྒྱབ་པའི་མཁར་གཞིས་དང་རྗེས་སོར་དགོན་གནས་སུ་གྲགས་པའི་གནས་གང་དེར་ད་ཆ་གྲྭ་བ་སོགས་ཡེ་མེད་།འདི་ལྟའི་གནས་གཞི་གལ་ཆེན་དག་གཉོམ་དུང་ངེར་རྒུད་པའི་འཕྲང་དུ་འགྲོ་འཆར་འདུག་པ་མཐོང་བས་ཡིད་ནི་བདེ་ལ་འབབ་མི་ཐུབ་པ་ཞིག་བྱུང་།རིག་གསར་གྱི་དུས་གཟེར་ལས་ཐར་ཆེད་བློ་རིག་ཅན་གྱི་མེས་པོ་ཚོས་མ་དྲན་པ་ཞིག་མེད་དེ།ལྡེབས་རིས་སོགས་སུའང་རུས་མོའོ་ཅན་པོར་བསྟོད་ཚིག་མང་དུ་བྲིས་ཏེ་གང་ཞིག་སྲུང་ཞིང་སྐྱོབ་པར་དམིགས་པའི་ངང་ཚུལ་དག་མཐོང་བས་ཤིན་ཏུ་སྙིང་ཉེ་བ་ཞིག་བྱུང་། ( མགོན་པོ་རྒྱལ་གྱི་སྐད་འཕྲིན་ལས་བཤུས། )
