25-10-20 17:29

པཎ་ཆེན་སྡོམ་རྒྱུན་ལས་ཚོགས་པ་སྡེ་བཞིར་གྲགས་པའི་གྲ་རྒྱལ་གླིང་ཚོགས་པ་འདི་ནི་ཁ་ཆེ་པཎ་ཆེན་བསོད་སྙོམས་པ་ཆེན་པོའི་སློབ་བུའི་ཚོགས་ཀྱིས་འདུལ་བའི་སྡོམ་རྒྱུན་སླད་མེད་པ་སྤེལ་བའི་གནས་གཞི་གལ་ཆེན་ཞིག་ལགས་ལ །རིག་གསར་སོགས་ཀྱིས་དགོན་འདིའི་ཕྱི་ནང་ཐམས་ཅད་ལ་སྨྲ་བར་བྲལ་བའི་གནོད་པ་ཐེབས་ཤིང་། ཡུལ་འདིའི་མྱི་བུ་རུས་པ་ཅན་དག་གིས་པཎ་ཆེན་དང་པཎ་ཆུང་འཁོར་བཅས་ཀྱི་རྡོ་བརྐོས་སྤུས་ལེགས་ཤིག་ཉར་ཚགས་གནང་འདུག་པ་ཅི་བས་གལ་ཆེ་མངོན་པ་ནི་བསོད་ནམས་ཉིད་དུ་གྲུབ་ལ།རང་རེའི་ཆོས་འབྱུང་དང་ལོ་རྒྱུས་ཇི་སྙེད་དང་།ནང་སྒོས་ཁྲོ་ལོའི་པཎ་ཆེན་ཤྲིའི་རྣམ་ཐར་ཁོང་གི་རྣམ་ཐར་འཁྲི་ཤིང་མ།ས་སྐྱའི་བླ་ཆེན་གྲགས་པ་རྒྱལ་མཚན་སོགས་ཀྱི་རྣམ་ཐར་སོགས་སུ་པཎ་ཆེན་ཁོང་གི་སྐུ་རྗེས་སུ་ནང་པའི་ཤེས་བྱ་ཇི་སྙེད་ལ་མཁས་ཤིང་མཛངས་པའི་པཎ་ཆུང་དགུ་བོད་དུ་ཐོན་པར་བཤད་མོད།འདིར་བཀོད་རྡོ་བརྐོས་སུ་པཎ་ཆུང་བདུན་ལས་མེད་པས་ཅིས་ཀྱང་དཔྱད་གཞི་གལ་ཆེན་ཞིག་ཏུ་སྣང་། http://t.cn/R2WxD2W

发布于 青海