25-10-04 22:06

࿐ ལམ་རིམ་རྣམ་གྲོལ་ལག་བཅངས་ལས། 
ཚེ་འདིར་ན་ཚ་བྱུང་བ་སོགས་ཀྱི་ཚེ། ན་ཚ་མྱོང་བྱེད་ཀྱི་རྒྱུ་མི་དགེ་བ་བསགས་ཟིན་པ་ཡིན་པས། རིམ་གྲོ་བྱེད་པ་སོགས་ཀྱིས་བཙན་ཐབས་སུ་ཕན་པ་བྱར་མེད་ཅིང་། རིམ་གྲོ་བྱས་པའི་འབྲས་བུ་ཕྱིས་ནས་ལོགས་སུ་སྨིན་པ་འོང་། དེས་ན་དེས་མི་ཕན་པ་སོགས་ལ་ལོག་ལྟ་ཡང་མི་བྱེད།
སྤྱིར་སྡིག་པ་ལ་ཡོན་ཏན་མེད་ཀྱང་། བཤགས་ནས་དག་རྒྱུ་ཡོད་པ་སྡིག་པའི་ཡོན་ཏན་ཡིན་པས་བཤགས་པས་མི་འདག་པའི་སྡིག་པ་མེད།
དགེ་བ་ཁོང་ཁྲོས་འཇོམས་པ་དང་། སྡིག་པ་བཤགས་པས་འདག་པ་གཉིས་གྱོང་དང་ཁེ་ཤིན་ཏུ་ཆེ་བ་ཞིག་ཡིན། ཞེས་གསུངས་སོ། ། http://t.cn/R2WxD2W

发布于 青海