ཕྱིན་དྲུག་གི་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་གཞན་དོན་སྒྲུབ་པའི་བྱང་ཆུབ་ཀྱི་སེམས་དཔའི་སྤྱོད་པ་འདིས། སེམས་ཅན་མ་ཐུལ་བ་རྣམས་བཏུལ། དུལ་བ་རྣམས་སྨིན། སྨིན་པ་རྣམས་གྲོལ། གྲོལ་བ་རྣམས་གྲོལ་བ་མཐར་ཕྱིན་པར་བྱས། ཤེས་བྱ་ཤེས་པ་ལ་བར་དུ་གཅོད་པའི་ཤེས་བྱའི་སྒྲིབ་པ་མེད་པར་བྱེད་པ་ལ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་ལམ་ཉམས་ལེན་བྱེད་དགོས་པ་ཡིན། ཉོན་མོངས་པས་བཞག་པའི་བག་ཆགས། ཤེས་བྱ་ཕྲ་ཞིང་ཕྲ་བ་ཤེས་པ་ལ་བར་དུ་གཅོད་པའི་གཉིས་སྣང་གི་འཁྲུལ་བའི་དྲི་མ་མཐའ་དག་ལ་གཉེན་པོ་བརྟེན་ནས་བཅོམ་པ་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་པས། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། ཅེས་གསུངས་སོ།། http://t.cn/R2WxD2W
发布于 青海
