ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ།།
诸功德本谓如理,
ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ།།
依止恩师是道基,
ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས།།
善了知己多策励,
གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས།།
恭敬亲近祈加持。
ལན་གཅིག་རྙེད་དཀའ་དལ་བའི་རྟེན་བཟང་འདི།།
偶一得此暇满身,
ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་ཀྱུར་ནས།།
知极难得具大义,
ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པའི་བློ།།
遍诸昼夜恒无间,
རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས།།
生取坚心愿加持。
ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན།།
身命动摇如水泡,
མྱུར་དུ་འཇིག་པས་འཆི་བ་དྲན་པ་དང་།།
速疾坏灭当念死,
ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན།།
死后如影随于形,
དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ།།
黑白业果恒随逐。
ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས།།
获定解己于罪聚,
ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང་།།
虽诸小罪亦应除,
དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ།།
勤修一切妙善聚,
རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས།།
常不放逸祈加持。 http://t.cn/R2Wx1Aq
发布于 四川
