碌BOOM
25-09-23 21:28

👉Share: རྒྱ་མི་ཚོང་པ་དང་གཞན་སྒྱུ་རྩལ་བ་ཡིན་ཟེར་མཁན་ཚའེ་གོ་ཆང་འདི་ཚེས་༢༡ ཉིན་གཉིས་ཀྱིས་བོད་མཐོ་སྒང་གཞིས་རྩེ་ཁུལ་རྒྱལ་རྩེ་རྫོང་ར་ལུང་ཡུལ་ཚོའི་རི་བོ་ཧི་མ་ལ་ཡའི་འདབས་སུ་ཚད་ལས་བརྒལ་བའི་་ཤོག་སྦག་ཚོན་སྦག་སྤར་ཏེ་ཁོར་ཡུག་རྩེད་སྤྱད་དང་གཏོར་སྐྱོན་བཟོས་པར་རྒྱ་རིགས་དོན་གཉེར་བ་གཙོས་བོད་མི་སོགས་མི་མང་པོས་ཁ་རྡུང་བཏང་བ་དང་། རྒྱལ་སྤྱིའི་གསར་ལམ་ཆེ་ཁག་གིས་དོ་སྣང་ཆེན་པོས་གནས་ཚུལ་སྤེལ། དོན་རྐྱེན་བཟོ་མཁན་སྒེེར་དང་ཚོགས་པའི་ངོས་ནས་འགྱོད་བཤགས་དང་དགོངས་དག་ཞུས་འདུག་ཀྱང་གཞི་ནས་ས་གནས་གཞུང་གིས་རྗེས་འདེད་ཞིབ་འཇུག་བྱེད་རྒྱུ་ཡིན་པ་བསྒྲགས་འདུག འགྱོད་བཤད་དང་དགོངའ་དག་ཙམ་གྱིས་འགྲིག་གམ། བྱ་འགུལ་དེར་ས་གནས་ཡུལ་མི་དང་བོད་མི་ཚོའི་ཆོག་མཆན་ཡོད་དམ། དང་ཐོག་སུས་ཆོག་མཆན་སྤྲད་པ་རེད། འདི་རིགས་རུལ་སུངས་ཡིན་པས་ཐག་གཅོད་བྱེད་འོས། I heard someone blew up Himalaya Protecting the environment is not a government regulation. It is everyone's responsibility.听说有人把喜冯拉雅
给炸, 保护环境真不是政府的规定。而是人人有责 #始祖鸟##始祖鸟删博##蔡国强 @Arc'teryx #arcteryx Arc'teryx #arcteryx http://t.cn/AXhkaQ5R

发布于 美国