莫热桑杰尖措
25-09-15 22:55

འཇ༵མ་དཔལ་དབྱ༵ངས་དངོས་བཤེས་གཉེན་དུ་མ་ཡིས།།
བརྩེ་བས་རྗེས་བཟུང་དབང་བསྐུར་གདམས་པ་བསྩལ།།
མན་ངག་རིན་ཆེན་བྱེ་བའི་གཏེར་དུ་གྱུར།།
ཤེས༵་རབ༵་རྒྱ༵་མཚོ༵འི་ཞབས་ལ་གསོལ་བ་འདེབས།།

མ་སྨད་ཚུལ་ཁྲིམས་རྣམ་པར་དག་པ་ཡིས།།
འདོད་ཆུང་ཆོག་ཤེས་འཕགས་རིགས་ལ་གནས་པས།།
གྲགས་པའི་རྒྱལ་མཚོ་བསྟན་པའི་དཔལ་གྱུར་པ།
བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས།།
🙏🙏🙏 http://t.cn/R2WxDcn

发布于 青海