གཅིག་སྟོང་གོ་བདུན་ལོའི་སོས་ཀ་ཞིག་ཏུ་ངེས་པ་དོན་གྱི་བྱ་བྲལ་བ་བླ་མ་ཆོས་ཁྱབ་དགོངས་པ་རྫོགས་ནས་གདུང་མཆོད་མཇུག་གྲུབ་ཉིན། ཆོས་རྗེ་ཡིད་བཞིན་ནོར་བུ་སྐུ་དངོས་སུ་གསེར་ལྗོངས་ལི་མདོ་རུ་ཕེབས། སློབ་ཚོགས་རྣམས་ཀྱིས་ཆོས་གོས་མནབས་ནས་ཆོས་རྗེ་དམ་པ་སེར་ཕྲེང་ལམ་ནས་ཆོས་ཁང་མདུན་ཐང་དུ་གདན་དྲངས། དེ་ནས་བླ་མའི་གཟིམས་ཁང་མདུན་དུ་ཁྲིའུ་ཆུང་ཞིག་གི་སྟེང་དུ་ཆོས་རྗེ་མཆོག་བཞུགས་གསོལ་ཞུས། དང་པོ་ཆོས་རྗེ་མཆོག་གིས་སློབ་ཚོགས་ཡོངས་ལ་ཚེ་འགུགས་སོགས་ཀྱི་ཆོས་འབྲེལ་གནང་། དེ་ནས་བླ་མ་ཤེས་རབ་མཆོག་གིས་ཞལ་གསུང་ཉུང་ཙམ་གནང་རྗེས། ཆོས་རྗེ་མཆོག་གིས་སློབ་ཚོགས་རྣམས་ལ་སེམས་གསོ་དང་འབྲེལ་ཏེ་བཀའ་སློབ་མང་པོ་གནང་བ་དང་། མཁན་ཤེས་རབ་མཆོག་བླ་མ་ཆོས་ཁྱབ་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་མཛད། ཆོས་རྗེ་མཆོག་གི་ཐུགས་བརྩེ་དང་བཀའ་དྲིན་གྱིས། སློབ་ཚོགས་རྣམས་ཀྱི་སྡུག་བསྔལ་སངས་བར་བྱས་ཏེ་ཡང་བསྐྱར་རེ་བ་ཞིག་གི་སྒོ་གླེགས་ཕྱེ། ངས་ཆོས་རྗེ་མཆོག་གི་སྐུ་མདུན་དངོས་ནས་ཆོས་ཞུ་བ་དེའི་ཉིན་ཐེངས་དང་པོ་ཡིན། ང་དེ་དུས་ང་ལོ་ན་ཆུང་རུང་བལྟ་བས་ཆོག་མི་ཤེས་པའི་ཆོས་རྗེ་མཆོག་གི་ཞལ་གྱི་དཀྱིལ་འཁོར་དེ་ད་དུང་ངའི་སེམས་སུ་མངོན་འདུག། འདྲ་པར་ཞིག་མཇལ་ཏེ་འཕྲལ་དུ་ཐལ་ལོ།། 👏👏👏👏
