曲嘉措
25-08-09 21:25

དེ་རིང་སྟེ་ཟླ་བདུན་པའི་ཚེས་བཅོ་ལྔའི་དུས་ཆེན་འདི་ལ་ཁོང་སྐྱབས་མགོན་སྟག་ཚ་རྡོ་རྗེ་འཆང་ཡབ་སྲས་རྣམ་གཉིས་དང་ཡོངས་འཛིན་རིན་པོ་ཆེ་སོགས་རྗེ་རྒྱལ་བ་གཉིས་པ་སྐུ་འཁྲུངས་པའི་གནས་མཆོག་གངས་ལྗོངས་ལུམ་བུའི་ཚལ་གཉིས་པ་སྐུ་འབུམ་བྱམས་པ་གླིང་དུ་ཞལ་འཛོམས་ཏེ། དགེ་འདུན་འདུས་པ་རྒྱ་མཚོར་མང་འགྱེད་ཀྱི་མཆོད་པའི་བསྙེན་བཀུར་གྱ་ནོམ་པ་བསྟབས་ཤིང་། ཁྱད་པར་གསེར་སྡོང་ཆེན་མོའི་མདུན་ནས་ཐུགས་ཡིད་གཅིག་འདྲེས་ཀྱིས་རྒྱལ་བསྟན་སྤྱི་དང་ཁྱད་པར་རི་བོ་དགེ་ལུགས་པའི་གསེར་སྦྱངས་བཙོ་མ་ལྟ་བུའི་མདོ་སྔགས་ཟུང་འབྲེལ་གྱི་རིང་ལུགས་དྲི་མ་མེད་པ་ཡུན་ནས་ཡུན་དུ་དར་ཞིང་རྒྱས་པའི་སྨོན་ལམ་ཤུགས་དྲག་བཏབ།
སྔོན་ཆད་སྟག་ཚ་སྐུ་ཕྲེང་དང་བོ་ཨེམ་ཆི་ཆོས་རྗེ་སྨོན་ལམ་ལྷུན་གྲུབ་དཔལ་བཟང་བོས་སྐུ་འབུམ་དགོན་པའི་ཁྲི་གེགས་བཟློགས་ཤིང་། སྐུ་འབུམ་དགོན་གཞུང་ནས་ཙན་དན་མཆོད་རྟེན་ཆ་བརྒྱད་སོགས་རྟེན་སྐལ་གསོལ་རས་གང་མང་གནང་མྱོང་བའི་རྣམ་ཐར་ཡོད་པ་ལྟར། ད་རེས་སྐུ་འབུམ་དགོན་གཞུང་ནས་ཆེ་མཐོང་གོང་བཀུར་དང་སྣེ་ལེན་གཟབ་རྒྱས་གནང་བ་སོགས་སྒོ་གང་ནས་བལྟས་ཀྱང་འདི་ལས་ལྷག་པའི་རྟེན་འབྲེལ་འཛོམས་རྒྱུ་གང་ན་ཡོད་སྙམ་པ་འཆར། འདིའང་ཁོང་རིན་པོ་ཆེའི་བརྒྱ་སྟོན་གྱི་མཛད་རིམ་གལ་ཆེན་ཞིག་ཡིན་པར་མ་ཟད། ཆེས་གླེང་རིན་ཡོད་པའི་རྣམ་ཐར་གྱི་དོན་སྙིང་ཅི་ལ་མིན། སྐུ་འབུམ་དགོན་པའི་འབྲེལ་ཡོད་བླ་སྤྲུལ་དགེ་བཤེས་རྣམ་པས་ཁོང་རིན་པོ་ཆེར་བསྟན་འགྲོའི་མགོན་སྐྱབས་དཔུང་གཉེན་དམ་པར་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་དགོས་པའི་བརྟན་བཞུགས་ཞུ་གསོལ་མང་དུ་ཕུལ་བ་དགེ་གྱུར་ཅིག
སྐུ་ཚེ་བརྟན། [祈祷][祈祷][祈祷]

发布于 四川