24-12-14 18:40

#今天也要开心# [微笑]ཤ་ཁྲག་གིས་སྦྲེལ་བའི་ཁྱིམ་མི་ལ་ཞེན་ཆགས་ཟབ་ལ། དགའ་དུང་ཧ་ཅང་ཆེ་བ་ནི་འགྲོ་བ་སྤྱིའི་ཆོས་ཉིད་ཅིག་ཏུ་བརྩིས་ཆོག། དེ་བཞིན་དུ་ཕ་མ་གཅིག་གི་བྱམས་འོག་ནས་འཚར་ཞིང་། ཁྱིམ་གཅིག་ནས་གྱེས་པའི་ང་ཚོ་ཡང་དེ་རིང་ཡང་བསྐྱར་ཕ་མའི་གམ་དུ་མཉམ་འཛོམས་བྱུང་ནས་དགའ་སྤྲོ་གཏོང་ཐུབ་པ་འདི་ཡང་མི་ཚེ་ནང་ཆེས་བརྗེད་ཐབས་བྲལ་བའི་བདེ་སྐྱིད་ཅིག་དང་། ཡིད་འོང་གི་ཕྱིར་དྲན་དྲོན་པོ་ཞིག་ཀྱང་ཡིན་ཨང་། “བཟའ་ཚང་མི་རྟག་ཚོང་འདུས་མགྲོན་པོ་འདྲ་”ཞེས་གསུངས་པ་ལྟར་ནམ་ཞིག་བྲལ་ཆོས་ཉིད་དུ་ངེས་ཀྱང་། མི་ཚེ་ཐུང་ཐུང་ཞིག་ཏུ་ཁྱིམ་ཚང་གཅིག་གི་ལས་སྐལ་བྱུང་བ་འདི་ལ་གཅེས་སྤྲས་བྱས་ཏེ་“ངན་ཤག་འཐབ་མོ་མ་བྱེད་”ཞེས་གསུངས་ལྟར། ཕན་ཚུན་མཛའ་བརྩེས་འཚོ་རྒྱུ་ནི་ལས་ཀྱིས་ཁྱིམ་གཅིག་ཏུ་བསྡུས་པས་དོན་པོ་ཉག་གཅིག་ཏུ་མཐོང་། འདི་ལ་ཚེ་གཅིག་སྐྱི་ཡ་སྡུག་གྲོགས་ཟེར་ན་ཆོག་ལ། མི་ཚེའི་ལམ་གྲོགས་ཞེས་འབོད་ཀྱང་ཆོག། བྱམས་ལྡན་ཕ་མ་གཉིས་ལ་མཉམ་འཛོམས་འདིའི་སྐབས་དང་བསྟུན་ནས་ང་ཚོ་མིང་སྲིང་རྣམས་ཀྱིས་བཀའ་དྲིན་ཞུ་འོས། ཕ་མ་གཉིས་ཀྱིས་ང་ཚོ་བདེ་ཐང་ངང་ནར་སོན་དུ་བཅུག་ལ། ང་ཚོ་རང་རང་གི་ལས་དབང་དང་མཐུན་པའི་འཚོ་བའི་ལམ་དུ་སྐྱེལ་ཟིན་པས། ད་ནི་ཁྱེད་གཉིས་ཀྱི་ལས་འགན་གྲུབ་སོང་། དྲིན་ལྡན་ཕ་མ་གཉིས་ལགས། ཚེ་མཇུག་འདི་ལ་ཐུགས་སེམས་ལྷོད་པོའི་ངང་སྐུ་ངལ་ཞིག་གསོ་རོགས། ང་ཚོའི་ཆེད་དུ་ལུས་ཚེགས་སེམས་ཚེགས་མང་པོ་མྱོང་ཡོད། ང་ཚོ་ལ་གནང་བ་མང་དྲགས་སོང་། བཀའ་དྲིན་ཆེ། བཀའ་དྲིན་ཆེ།[玫瑰][玫瑰][玫瑰] ང་ཚོས་ཀྱང་ཁྱེད་གཉིས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་འབད་ངེས་ཡིན། མདོར་ན་ཁྱིམ་མི་ཚང་མ་ལ་ཉེ་ཞོ་མེད་པར་བདེ་སྐྱིད་ཀྱིས་ཁེངས་བར་སྨོན་ནོ།། [微笑][微笑][微笑][微笑]

发布于 四川