拉先加1999
24-11-03 00:07

གཟའ་མཇུག་གི་དུས་ཚོད་ནང་ཉི་ཧོང་གི་བོད་རིག་པའི་ཆེད་མཁས་རྒན་འཆི་མེད་མཆོག་གིས་དབུ་ཁྲིད་པའི་ཞིབ་འཇུག་ཚོགས་པ་དང་། པེ་ཅིན་དུ་སློབ་གཉེར་དང་ཕྱག་ལས་གནང་བཞིན་པའི་བོད་རིགས་གཞོན་ནུ་ཞིབ་འཇུག་པ་ཁག་གཅིག ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་གདན་འཛོམས་ཀྱིས། ངེད་ཆོས་ལུགས་ཞིབ་འཇུག་ཁང་གི་རྩ་འཛུགས་འོག བོད་ཀྱི་ཞིང་འབྲོག་ཐོན་སྐྱེད་འཚོ་བའི་རིག་གནས་དང་འཕེལ་འགྱུར་གླེང་གཞིར་བཞག་ནས། ཉིན་གཅིག་ལ་བགྲོ་གླེང་གཟབ་རྒྱས་གནང་། སྲོལ་རྒྱུན་དང་དེང་རབས། འཚོ་གནས་དང་རིག་གནས། རྒྱུད་འཛིན་དང་གསར་གཏོད་སོགས་ཀྱི་སྐོར་ལ་ཟུར་སྣེ་མི་འདྲ་བ་ནས་རིག་གཞུང་ཞིབ་འཇུག་གི་མཐོ་ཚད་ཡོད་པའི་ལྟ་ཚུལ་མང་པོ་བཏོན་སོང་།
中国藏学研究中心宗教研究所与日本东京外国语大学星泉教授领衔的藏学团队联合举办了“中日藏族农牧业文化及其变迁”讨论会。

发布于 北京