མང་ཐོས་མེ་ཏོག་ཚར་དུ་དངར་བའི་གུར་གུམ་གྱི་རྒྱ་མཚོ་འདི་ན་འཁྱིལ།།
སྒྲོ་སྐུར་ཚང་ཚིང་ལྷག་མེད་སྲེག་པའི་ལུང་རིགས་ཀྱི་ཚྭ་ཚྭ་འདི་ན་འཕྲོ།།
ལྟ་སྒོམ་སྤྱོད་པ་ཀུན་ཏུ་འཁྲུད་པའི་དྭངས་གཙང་གི་ཆུ་བོ་འདི་ན་འཁྱིལ།།
རྒྱལ་བསྟན་ཀ་བ་གྱེན་དུ་སློང་བའི་ཟླ་མེད་ཀྱི་གྱད་མི་འདི་ན་འགྱིང་།།
དད་དང་ཤེས་རབ་ཟུང་དུ་འབྲེལ་བའི་ངེས་ལེགས་ཀྱི་ཡོ་ལང་འདི་ན་དར།།
发布于 青海
