藏红花藏文微博
24-05-01 21:32

ཁྱོད་རང་འཕྱོངས་རྒྱས་རྫོང་དུ་སླེབས་དུས་མཁར་འཕྱིང་བ་སྟག་རྩེ་དང་དོན་མཁར་མདའ་དང་མུ་ར་རིའི་ཞོལ་གྱི་བཙན་པོའི་བང་སོ་འདི་དག་ལ་དོ་སྣང་བྱེད་རྒྱུ་བརྗེད་མི་ཉན། རྒྱལ་པོ་དག་གི་སྐུ་ཕུང་ས་རུ་ཐིམ་ཡང་། དེ་རིང་ང་ཚོ་མི་གྲལ་དུ་མགོ་མཐོན་པོས་འགྲེང་ཐུབ་པ་ནི་ཁོང་ཅག་གི་དཔའ་མཛངས་ཀྱི་མཛད་པ་རེ་རེའི་བཀའ་དྲིན་ཡིན་ནོ།། དེས་ན་གནས་འདིར་སླེབས་དུས། འདི་དག་ནི་ས་ཕུང་ཙམ་དུ་མི་སེམས་པར་ཡབ་མེས་སྐུ་དྲིན་ཅན་དག་ལ་དྲན་གསོ་རེ་བྱེད་རོགས། [咖啡][咖啡][咖啡]

发布于 西藏