落桑丹增
24-04-25 10:25

རྒྱུན་དུ་ཁ་ཏོན་བྱས་ན་ཕན་པ་ལོས་ཡོད། འོན་ཀྱང་མི་རྟག་པ་རྒྱུད་ལ་མ་སྐྱེས་ན་བཟླས་བརྗོད་མང་ཡང་རུ་ཏྲ་སྐྱེས་ཞེས་ཉེས་དམིགས་ཀྱང་ཡོད།ཁ་ཏོན་ཉུང་ངུ་བྱེད་པ་དང་དེའི་དོད་དུ་རང་གིས་བློར་བཟུང་བའི་གཞུང་སྐྱོར་སྦྱོང་བྱས་ན་ཤིན་ཏུ་ལེགས།ཉལ་ཁར་ཁྲོ་བཅུ་སྔགས་བཏུ་རེ་གསུངས་ན་གནོད་བྱེད་ཀྱིས་མི་ཚུགས་གསུངས། ཀུན་མཁྱེན་འཇམ་དབྱངས་བཞད་པས་དགོན་འདི་ཚུགས་དུས་ཁྲོ་བཅུའི་མན་ངག་གནང་ནས་དགུང་མ་རེ་ལ་སྔགས་བརྒྱ་རེ་གསུངས་པ་སོགས་མན་ངག་ཐུན་མོང་མ་ཡིན་པ་ཡོད།འོད་ཟེར་ཅན་གསུངས་ན་དགྲ་ཅག་ཆོམ་རྐུན་བཟློག་སྟེ། རང་གི་ཚུལ་ཁྲིམས་ཀྱི་ཆོམ་རྐུན་ཚུལ་འཆལ་དང་སྦྱིན་པའི་ཚུལ་ཁྲིམས། བཟོད་པའི་ཚུལ་ཁྲིམས་སོགས་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཏེ་ཞེ་སྡང་གི་ཆོམ་རྐུན་སོགས་ཀྱིས་མི་འཁྱེར་བ་གལ་ཆེ། དེ་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་འདེབས་ཚུལ་ཡིན་མོད། རང་ཅག་རྣམས་ཀྱིས་ཕྱིའི་ཆོམ་རྐུན་ཁོ་ན་དམིགས་སུ་བཟུང་ནས་མ་རུ་ཙྱྱེེ་འདོན་མོད། ནང་གི་ཆོམ་རྐུན་ལ་དམིགས་ན་རྐུན་མ་སོགས་ཀྱི་གནོད་པ་མེད་ངེས།🙏🙏🙏

发布于 青海