ཨོཾ་པོ་ཏ་ལ་ཡི་གནས་མཆོག་ནས། །ཏཱྃ༔ཡིག་ལྗང་གི་ལས་འཁྲུངས་ཤིང་། །འོད་དཔག་མེད་ཀྱི་དབུ་ལ་བརྒྱན། །དུས་གསུམ་སངས་རྒྱས་འཕྲིན་ལས་མ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ལྷ་དང་ལྷ་མི་ཅོད་པཎ་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་ནས། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་གསོལ་བ་འདེབས། །བླ་མ་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ལ། །ཕྱག་འཚལ་སྐྱབས་མཆི་བདག་ཅག་སྒོ་གསུམ་གྱིས། །བྱ་བ་གང་བརྩམས་ཡིད་ལ་སྨོན་པ་ལྟར། །ལྷུན་གྱིས་འགྲུབ་པའི་རླུང་རྟའི་དངོས་གྲུབ་སྩོལ། ། [鲜花][鲜花][鲜花][蜡烛][蜡烛][蜡烛]🙏🙏🙏
发布于 青海
