藏红花藏文微博
24-01-27 20:01

རང་གིས་རང་གི་སྐད་ཡིག་ལ་མཐོང་ཆེན་བྱས་ན་དེ་ནི་འོས་བབ་ཅིག་ཡིན་པ་ལས་དེ་ལ་ངོ་སོ་བསྟོད་དགོས་མི་འདུག་མོད། གཅིག་གིས་སྐད་ཡིག་ལ་སེམས་ཁྲལ་ཡོད་མདོག་གིས་རང་གི་སྐད་ཡིག་བཀོལ་སྤྱོད་དགོས་ཞེས་སྐད་ཆ་ལབ་པ་ཙམ་ཐོས་ཚེ། ཚང་མས་དེ་ལ་བསྟོད་པ་བརྒྱ་ཚར་རེ་འཐེན་པ་དང་། ཡང་། གཅིག་གིས་རང་གི་སྐད་ཡིག་མཐོང་ཆུང་བྱས་པ་ཙམ་མཐོང་ཚེ། དེ་ལ་འཛིང་སྨོད་ཀྱིས་གནམ་ས་བཀང་འགྲོ། དེ་ལྟ་བུའི་དོན་གནད་ཕར་དེད་ན། བོད་སྐད་ཡིག་ནི། ཧ་ཅང་ཉམ་ཆུང་ཉག་ཕྲ་བ“ཁ་རླངས་ཙམ་གྱིས་དྲོད་ཚད་དང་། བྱ་གྲིབ་ཙམ་གྱིས་འཁྱག་ཚད་”ལ་ལོག་པའི་མཚོན་རྟགས་ཤིག་ཡིན།
ངོ་མ་བོད་ཡིག་ལ་ཤ་ཚ་ཞིང་སྙིང་ཉེ་བ་བདེན་ན། གཅིག་གིས་ཨེ་བསྟོད་དང་གཅིག་གིས་ཨེ་སྨད་ལ་ལྟ་འདུག་པ་ལས། རང་བདག་རང་སྲུང་གི་དུས་ལ་བབ་འདུག་གོ།

发布于 四川