རི་ལུང་འདི་དག་ནི་ང་ནར་སོན་ས་ཡིན་པས་ང་ལ་བག་ཆགས་ཧ་ཅང་ཟབ། དེ་རིང་གློ་རྡེག་ཏུ་རི་ལུང་འདི་དག་མཐོང་དུས། ང་ཕྱིར་དྲན་བན་བུན་ཞིག་གི་ཀློང་དུ་ཤོར་སོང་། དེ་རིང་འདི་ན་རྒྱུ་བའི་ནོར་དང་རྫི་བོ་དག་ལ་བལྟས་ན་རི་ལུང་འདི་དག་ཆ་མེད་ཆ་མེད་ཅིག་ཡིན་པ་འདྲ་ལ། ཡང་སྔོན་མར་ཟོག་འཚོ་སྐྱོང་བྱེད་སའི་ལྷས་དང་ལམ་སྡོད་ཁང་དག་མཐོང་ན། རི་ལུང་འདི་དག་ཆ་ཡོད་ཆ་ཡོད་ཅིག་ཀྱང་ཡིན་འདུག། ངའི་བྱིས་དུས་ཀྱི་རྫི་རོགས་དང་རྩེ་རྡོ་སྒྲིག་རོགས་རྣམས་ཀྱང་ད་ནི་བྱ་ཁྱུ་འཐོར་བ་བཞིན་ཡུལ་སོར་སོར་ཕྱིན་ཚར་བས། ང་ལ་མཚོན་ན་གནས་འདིའི་ཁ་དོག་གཞན་ཞིག་སྣང་ཡོང་བས། སྐྱོ་སྣང་ཞིག་ཀྱང་འགོག་མེད་དུ་སྐྱེས་བྱུང་། ཞིབ་ལྟ་བྱས་ན། འདིའི་རི་ལུང་ཐང་གསུམ་ན་ད་དུང་ངའི་བྱིས་དུས་ཀྱི་གྲིབ་གཟུགས་རབ་རིབ་རེ་ཡལ་མེད་པའི་ཚོར་སྣང་འཁོར་ཡོང་། གང་ལྟར་རི་ལུང་འདི་དག་ལ་དགའ་ཞེན་ལྷག་མ་ཞིག་འདུག།
发布于 四川
