23-11-01 11:05

སློབ་མ་དག་བརྡ་སྤྲོད་ལ་དང་པོ་འཇུག་སྐབས་ནས་ཉིན་ཐོ་བྲི་རྒྱུར་སྣེ་ཁྲིད་ཐུབ་ན་དགེ་མཚན་ཅི་བས་ཆེ། ཉིན་ཐོ་དེ་ཡང་བརྗོད་བྱ་སློབ་བུ་རང་ལ་དབང་བ་དང་། རྗོད་བྱེད་གཙོ་བོ་མིང་ཚིག་སྦྱོར་སྟངས་དག་ཡིག་དང་མཐུན་པ། ཕྲད་སྦྱོར་སྟངས་སུམ་ཅུ་པ་དང་མཐུན་པ། བྱ་ཚིག་སྦྱོར་སྟངས་རྟགས་འཇུག་དང་མཐུན་ཞིག་གི་ལམ་དུ་ཉིན་རེ་བཞིན་དུ་ལས་བྱ་དང་འབྲེལ་ཏེ་སྐུལ་སློང་ཐུབ་ན། ༡སློབ་མས་བརྡ་སྤྲོད་ལག་ལེན་དུ་བཀོལ་ཤེས་པར་ཕན་ཐོགས་པ། ༢ཡིག་གཟུགས་འབྲི་རྩལ་ལ་བྱང་ཐོན་པ། ༣སློབ་མས་བོད་ཀྱི་མིང་ཚིག་བརྗོད་པ་རྣམས་སྡེབ་སྦྱོར་ཤེས་པར་ཕན་ཐོགས་པ། ༤ སློབ་མར་རྩོམ་གྱི་རྨང་གཞི་ལེགས་པོ་བསྐྲུན་ཐུབ་སོགས་ཀྱི་དགེ་མཚན་ཧ་ཅང་བདོ། དེ་བས་བརྡ་སྤྲོད་ཁ་བཤད་ཙམ་དང་ལས་བྱ་ཙག་ཙིག་བཞག་སྟེ་གྲངས་ཅི་ཙམ་སྦྱངས་ཀྱང་གྲུབ་འབྲས་ཀྱིས་དབེན་ནོ།།

发布于 四川