落桑丹增
23-07-21 10:20

དྲུག་པའི་ཚེས་བཞི་ནི།

བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་མཆོག་ས་ག་ཟླ་བའི་ཚེས་བཅོ་ལྔར་མངོན་པར་རྫོགས་པ་སངས་རྒྱས་ཏེ། གདུལ་བྱ་གདུལ་བའི་དུས་ལ་མ་བབས་པའམ་བསམ་གྱི་མི་ཁྱབ་པའི་ཆོས་ཉིད་དེ་གཞན་ལ་བསྟན་ནའང་དོན་ཁོངས་སུ་ཆུད་དཀའ་བར་གཟིགས་ནས་མི་སྨྲའི་རྟུལ་ཞུགས་ངང་ཞག་༤༩སྐུ་མཚམས་ལ་བཞུགས་པ་རེད། དེ་ནས་ལྷ་ཡི་དབང་པོ་རྒྱལ་སྦྱིན་དང་ཚངས་པས་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལྟར་ཞལ་བཞེས་གནང་སྟེ་འཁོར་ལྔ་སྡེ་བཟང་པོར་༼ འཁོར་ལྔ་སྡེ་བཟང་པོ་སྟེ་ཀུན་ཤེས། ཀོའུ་ཌི་ཡ་ན། རྟ་ཐུལ།རླངས་པ། མིང་ཆེན། བཟང་ལྡན་བཅས་སོ།།༽བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་པས་ང་ཚོས་དམིགས་བསལ་གྱི་དུས་ཆེན་འདི་ངེས་པར་སེམས་ལ་ཡོད་དགོས་པའི་གནས་སོ།今天佛教最殊胜初转法日,大家祈祷做善🙏🙏🙏

发布于 青海