སྐབས་རེ་འཁྱག་ཆེ་བ་དང་སྐབས་རེ་གྲང་ཆེ་བའི་འཁྱག་གྲང་གོ་མ་མཉམ་པའི་མི་ཚེ།
ཉིན་རེར་དགའ་བ་དང་ཉིན་རེར་སྐྱོ་བ་གཉིས་ཀྱི་འདྲིས་མའི་འཚོ་བ།
གཅིག་པུ་འཇིགས་སླ་བ་ཐོབ་ཤོར་རེ་དོགས་ཆེ་དགོས་པའི་ཚེ་སྲོག་འདིའི་ནང་དུ།
མིག་ལ་ཕྱི་གསལ་ནང་གསལ་དུ་རྒྱུ་མྱོང་བའི་ཡོད་ཚད།
སེམས་ལ་སིབ་སིབ་ལྟེམས་ལྟེམས་འཁྱིལ་མྱོང་བའི་ཡོད་ཚད།
ཉི་མ་དང་ཟླ་བ། ལོ་ནས་ལོ་བར། དུས་ཚོད་ཡོད་ཚད་དག་གྲོད་ཁོག་དུ་ཉར་ནས། ཕོ་ཁྱོ་གས་མཆོད་རྐོང་སྙིང་དབུས་ནས་ལྷེམ་ལྷེམ་འབར་ཞིང།
གྲོགས་པོ་ཁྱོད་ལ་ཆང་ཡོད་ན་ང་ལ་གཏམ་རྒྱུད་ཅི་ལ་བཤད་རྒྱུ་མེད། ཧུབ་གང་། ཧུབ་གཉིས། ཧུབ་གསུམ་བཏུང་ནས་
གཟོད་སྨྲ་ལྕེའི་སྒོ་གླེགས་ཕྱེ་ཡོང་།
༢༠༢༣ལོ་ཟླ་བ་༦ཚེས༡༨ཨ་ཕའི་དུས་ཆེན་ཉིན་བསྟན་འཛིན་བཟང་པོ་ནས་བྲིས།
发布于 四川
