洛卓尼玛RBQ
23-04-29 13:34 微博认证:佛学博主

#一条plog告别四月##2023祈福# 🙏由洛卓尼玛仁波切领衔 尼众一起阅诵《大藏经》。噶玛巴千诺!
༧སྐྱབས་རྗེ་མཆོག་སྤྲུལ་བློ་གྲོས་ཉི་མ་རིན་པོ་ཆེ་དབུ་བཞུགས་ཐོག་རང་དགོན་བཙུན་མ་ཡོངས་ནས་༧ གྲུབ་དབང་སྒྲུབ་བརྒྱུད་་སྐྱེ་སྔ་ཆོས་ཀྱི་ཉི་མ་མདུན་ནས་རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པའི་བཀའ་ཁྲིད་ཞུ་བཞིན་པའི་ཐུན་བར་དང་ནང་དགུང་རྣམས་སུ། ས་གསུམ་འགྲོ་བའི་མགོན་པོ་མཚུངས་མེད་རྗེ་བཙུན་རྩ་བའི་བླ་མ་བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཆང། ༧ཀརྨ་རིང་ལུགས་སྨྲ་བའི་སིངྒེ་མཆོག་གི་སྐུ་ཕྱ་རིམ་གྲོ་ཆེད་དུ་དམིགས་ཏེ་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཚར་གཉིས་གསུང་རྒྱུ་གཏན་ཁེལ་དང། དཔལ་ལྡན་བླ་མ་མཆོག་གི་སྐུ་ཡི་བླ་གཟའ་རེས་གཟའ་པ་སངས་ཉིན་དབུ་བཟུང་པའི་སྣང་བརྙན། དགེ་ཚོགས་འདིས། དཔལ་ལྡན་བླ་མའི་སྐུ་ཚེ་མཛད་ཕྲིན་ཡར་ཟླ་བཞིན་རྒྱས་པ་དང་། འགྲོ་ཀུན་བདེ་ཞིང་འཛམ་གླིང་ཞི་བདེ་ཡོང་བའི་གསོལ་སྨོན་བཅས། ཁྲ་འགུ་ཀོང་ཇོ་ཤེས་རབ་ཆོས་གླིང་འདུས་སྤྱི་ནས། ཀརྨ་པ་མཁྱེན་ནོ། 🙏

发布于 青海