藏红花藏文微博
22-09-20 20:40

བོད་ཀྱི་དབྱངས་གསལ་ཁོ་ན་སྙུག་རྩེར་འདྲེན་མཁན་གྱི་ཁོང་ལྟ་བུའི་ངེས་དོན་གྱི་སྙན་ངག་པ་རེ་འདི་ལྟར་མེད་སོང་བ་ནི། ཉམ་ཆུང་བའི་བོད་ཡིག་འདིའི་བླ་སྲོག་ལ་གོད་ཆགས་ཚབས་ཆེན་ཐེབས་པ་ཞིག་ཅི་ལ་མིན། མེ་སྟག་བཞིན་མཆེད་ཀྱིན་ཡོད་དུས། གློ་རྡེག་ཏུ་མེ་སྟག་བཞིན་མི་མངོན་པར་ཡལ་སོང་བ་བདེན་ན། ཅི་འདྲའི་ཕངས་པ་ལ་ཨང་། གློ་བུར་དུ་བོད་ཡིག་གི་བསྟན་སྲུང་ཆེན་མོ་ཞིག་ཕེབས་སོང་ན་ཅི་ལ་མི་ཕངས་ཨང་།
“ང་འདི་ལྟར་ཤི་སོང་ན།
གསལ་བྱེད་སུམ་ཅུ་བོ་ཇི་ལྟར་བྱ།
བཀྲུས་བཀྲུས་ནས་ཁ་དོགས་ཀྱང་ཡལ་བའི།
བརྡ་སྤྲོད་ཀྱི་ལྭ་བ་འདི་དག་ཇི་ལྟར་བྱ།

ང་འདི་ལྟར་ཤི་སོང་ན།
ངའི་མིག་དང་སེམས་ལ་འབྱར་བའི།
བོད་ཀྱི་ཡི་གེ་འདི་དག
དྭ་ཕྲུག་ཏུ་འགྱུར་ངེས།”
ང་ཁྱོད་ལ་དགའ་དོན་ཡང་ཁྱོད་ཀྱི་སྐད་ཆ་འདི་འདྲས་ཡིན།
ཁྱེད་གཤེགས་སོང་བ་ཐོས་དུས་ཕངས་འགྱོད་ཆེ་དོན་ཡང་ཁྱོད་ཀྱི་སྐད་ཆ་འདི་འདྲས་ཡིན། དེ་བས་ང་ཁྱོད་ལ་ཆ་རྒྱུས་གང་ཡང་མེད།
འཆི་བ་ལ་གོ་རིམ་བསྒྲིག་རྒྱུ་མེད་པས། འཆི་བ་ལ་རིན་ཐང་ཆེ་ཆུང་གཞལ་ས་མེད་པས། འཆི་བ་ལ་མཐོ་དམན་ལྟ་ས་མེད་པས། འཆི་བ་ལ་ཁེ་དྲག་ཞན་རྩོད་ས་མེད་པས། འཆི་བ་ལ་རྒན་གཞོན་གྱི་ཁྱད་པར་མེད་པས། ད་ཡི་ཆད་དང་འཁང་ར་སུ་ལ་བྱེད། བྱས་པས་ཀྱང་ཅི་ཞིག་ཕན་པ་ཡོད། དེ་བས་ཁྱེད་ཉིད་སླར་ཡང་བོད་དུ་སྐྱེས་བར་ཤོག། སླད་མར་ཡང་བོད་ཀྱི་དབྱངས་གསལ་སྙུག་རྩེར་དྲངས་ཏེ་བོད་ཡིག་ལ་བྱ་ར་བྱེད་པར་ཤོག།
སྙན་ངག་པ་གཅན་མེ་སྟག་གཤེགས་སོང་བ་ཐོས་འཕྲལ་འཛི་གུར་ཀུམ་གྱིས།

发布于 中国