དེབ་འདིའི་དཀར་ཆག་དག་དྲྭ་ལམ་ནས་མཐོང་དུས་ཀློག་འདོད་ཅིག་སྐྱེས་མོད། རིན་གོང་༧༨ ཡིན་འདུག། མཐོ་དྲགས་ཨང་སྙམ་ནས་ཕྱིར་འགྱངས་སུ་ལྷག། ཉིན་ཞིག་ཡང་འདི་ལྟར་བསམ་བློ་བཏང་། དཔེར་ན། གལ་ཏེ། འདི་ལྷམ་རིན་གོང་༧༨ཅན་ཞིག་ཡིན་ཚེ། རིན་གོང་ཧ་ཅང་ཆུང་ཆུང་ཞིག་ཏུ་བཟུང་ངེས། དེབ་ཅིག་ལ་སྒོར་༧༨་སྟེར་མི་བྲ། ལྷམ་ཞིག་ལ་སྒོར༧༨་སྟེར་རྒྱུར་སྣང་དོགས་སྤུ་ཙམ་མེད་ལ། ད་དུང་རིན་གོང་དེ་ཙམ་གྱིས་ལྷམ་ཞིག་ཉོས་པས་ང་མགུ་ཡང་མི་སྲིད། འདི་ལྟར་གཞིག་ཡོང་དུས། དེའི་གནད་དོན་ནི། གཞི་ནས་ངས་དཔེ་ཆའི་རིན་ཐང་རྟོགས་མེད་པ་ཚོར་བྱུང་། མ་གཞི་དཔེ་ཆ་ཞིག་རིན་གོང་༣༠་ཡན་ཆོད་བརྒལ་འགྲོ་དུས་རིན་གོང་མཐོ་དྲགས་འདུག་བསམས་པ་དང་། གྱོན་ཆས་དང་ཡོ་བྱད་ཅིག་རིན་གོང་བརྒྱ་ཕྲག་བརྒལ་སོང་རུང་། དེ་ཙམ་རིན་གོང་མཐོ་སྣང་མི་འཆར་རྒྱུ་འདིའི་བར་ནས་རང་ཉིད་ཀྱིས་དཔེ་ཆ་ལ་རིན་ཐང་ཅི་ཙམ་བཟུང་ཡོད་གསལ་བོར་མངོན་ཡོང་འདུག། དེ་འདྲའི་གསལ་འདེབས་ཤིག་གིས་ད་རེབ་དཔེ་ཆ་ཉོས་བཞག། ཉོས་ནས་ལག་ཏུ་འབྱོར་བྱུང་། ད་ནི་ཁོམ་གླགས་དང་བསྟུན་ནས་རང་གི་སྒོར་མོའི་རིན་དང་རྩོམ་པ་པོའི་རྔུལ་ཆུའི་དོད་དུ་ཐེངས་གཅིག་བཀླག་བར་བྱའོ།། བསྐྱར་བསྒྲིགས་ཁོ་ན་མིན་པར་ནང་ན་བསྐྱར་བརྟག་ཅིག་ཡོད་པར་སྨོན། [呲牙][呲牙]
