དང་པོ་ལྟེ་ཁྲག་འཐོར་ས། བར་དུ་འཚར་ལོངས་འབྱུང་ས། ཐ་མར་ཐོད་རུས་གཏོར་སའི་ཕ་ས་ཕ་ཡུལ། ཡུལ་གང་དུ་ཕྱིན་རུང་། དུས་ཚོད་ག་ཙམ་སོང་ཡང་། དྲན་སླ་ལ། བརྗེད་དུ་མི་བཏུབ་ནི་ཁྱོད་ཁོ་ན་རེད་ཟེར་ན་ཆོག་ཨང་། དེ་ལྟར་ཡང་ཡིན་འོས་ཏེ། དྲིན་ཕ་མའི་བྱམས་བརྩེའི་སྣུམ་ཞག་འཁྱིལ་ས། ནང་མིང་སྲིང་གི་བརྩེ་བའི་ལག་རྡང་སྦྲེལ་སའི་གཡང་ཁྱིམ་དྲོན་མོ་དེ་ན་ཡོད། རེད་ཡ། ཕ་ཡུལ། ཁྱོད་ཀྱི་མཛེས་པ་ཡང་། ངའི་མཛེས་པ་རུ་བསྒོམས་ཡོད་ལ། ཁྱོད་ཀྱི་སྐྱོ་བ་ཡང་། ངའི་སྐྱོ་བ་རུ་མྱོང་བཞིན་ཡོད། ཕ་ཡུལ་ལགས། ཁྱོད་ནི་ངའི་དྲན་འོག་ན་ཡལ་བ་མེད་པའི་སྙིང་སྡུག་དགའ་མ་དེའོ།།
发布于 四川
