G黑色月亮
22-05-10 16:03

རང་མོས་སྙན་ངག་གསར་གཏོད་པ་ཆེན་མོ་ཝེ་ཐུ་མན།
ཝེ་ཐུ་མན( Walt Whitman1819-1892 ) 沃尔特·惠特曼དུས་རབས་བཅུ་དགུ་བའི་ཨ་རིའི་ཆེས་ཕུལ་དུ་བྱུང་བའི་སྙན་ངག་པ་དང་། མི་ཚུལ་རིང་ལུགས་པ། དམངས་གཙོའི་འཐབ་མོ་བ།ཨ་རིའི་དེང་རབས་སྙན་ངག་གི་སྔོན་བྱོན་པ་བཅས་ཡིན།
ཁོང་ནི1819ལོའི་ཟླ་ལྔ་བར་ཨ་རིའི་ཁྲང་ཏོ་གྲོང་ཁྱེར་དུ་འཁྲུངས་ཤིང་།ཆུང་དུས་ནས་ཁྱིམ་ཚང་གི་ཆ་རྐྱེན་ཞན་སྟབས་ལོ་ངོ་དྲུག་ལྷག་གི་རིང་དུ་མ་གཏོགས་སློབ་གྲྭར་འགྲིམས་མ་མྱོང་ནའང་།ཆུང་དུས་ནས་ཐོ་མ་སི་ཕན་ཨན་(Thomas Paine)ལགས་ཀྱི་གཏམ་གླེང་ལ་མང་ཏུ་ཉན་ཞིང་དེའི་ཤུགས་རྐྱེན་འོག་ཁོང་རང་དབང་དང་དམངས་གཙོ་བརྩོན་ལེན་བྱེད་མཁན་ཞིག་ཏུ་གྱུར། ནར་སོན་རྗེས།དུས་རབས་བཅུ་དགུ་བའི་ཨ་རིའི་དངོས་ཡོད་ཐོད་བརྒལ་རིང་ལུགས་ཀྱི་(transcendentis)བསམ་བློའི་ལས་འགུལ་བྱུང་བ་དང་། དེའི་སྐབས་སུ་ཨེ་མུར་ཟོན་(Emerson)གྱི་རིག་གཞུང་བསམ་བློས་ཁོང་ལ་ཤན་ཤུགས་ཟབ་མོ་ཐེབས་པས་ཁོང་གི་དམངས་གཙོའི་ལངས་ཕྱོགས་སྔར་བས་ཇེ་བརྟན་དུ་བཏང་།
1839ལོ་ནས་ཁོང་གསར་རྩོམ་གྱི་ལས་ལ་གཞོལ་འགོ་བརྩམས་ཤིང་།1942ལོར《ནེའུ་ཡོག་གི་ཉི་གཞོན》ཞེས་པའི་ཚགས་པར་གྱི་རྩོམ་སྒྲིག་པའི་འགན་བཞེས། དེར་མཐུད་ནས་1846ལོའི་ལོ་འགོར་ཡང་《སྦུ་རོ་ཁི་ལུན་གྱི་ཉིན་རེའི་ཚགས་པར》གྱི་རྩོམ་སྒྲིག་པའི་འགན་བཞེས།ཁོང་གིས་ནམ་ཡང་བྲན་གཡོག་ལམ་ལུགས་ལ་རྒོལ་བའི་བརྩམས་ཆོས་དག་ཚགས་པར་སྟེང་དུ་བཀོད་རྐྱེན། 1848ལོར་ཁོང་གི་ལས་གནས་ཤོར་བར་གྱུར།
1855ལོར་ཁོང་གི་བརྩམས་ཆོས་གྲགས་ཅན་《རྩྭ་དང་ལོ་མའི་ལེའུ》草叶集ཞེས་པའི་སྙན་དེབ་ནེའུ་ཡོག་ནས་པར་དུ་བསྐྲུན་ཏེ་སྐབས་དེའི་སྤྱི་ཚོགས་ཁྲོད་སྙན་པའི་གྲགས་པ་རབ་ཏུ་འབར།བརྩམས་ཆོས་འདི་ནི་སྔོན་ཆད་ཀྱི་ཚིགས་བཅད་སྙན་ངག་གི་འབྲི་སྟངས་ལས་རིང་དུ་གྱེས་ཏེ་དབྱངས་ཀྱི་འདེགས་འཇོག་གསལ་ཞིང་ཚོར་འདུ་ཤུགས་དྲགས་པོའི་སྒོ་ནས་རྩོམ་པ་པོའི་རང་དབང་དང་དམངས་གཙོའི་བསམ་བློ་མངོན་པར་མཚོན་ཡོད་ཅིང་།ཁོང་གི་མཛད་པ་གཙོ་བོ་ཡང་སྲོལ་རྒྱུན་གྱི་ཚིག་སྦྱོར་གྱི་རྣམ་བཞག་དང་དབྱངས་འགྲོས་ཀྱི་སྒྲིག་གཞི་གཏོར་ཏེ་རང་མོས་སྙན་ངག་གི་འབྲི་ཐབས་གསར་དུ་གཏོད་པ་དེ་ཡིན།ཁོང་ཉིད་སྐུ་ཚེ་ཧྲིལ་པོར་དབྱི་ཋ་ལེའི་ཟློས་གར་དང་འཁྲབ་བཤད་བྱེད་སྟངས། ད་དུང་རྒྱ་མཚོ་ཆེན་མོའི་འུར་འུར་གྱི་རླབས་སྒྲ་བཅས་ལ་སྤྲོ་མོས་ཡོད་པས། ནུས་ཕྱོགས་སྙན་དངགས་སྨྲ་བ་དག་གིས་འདི་ནི་ཁོང་གི་སྙན་ངག་གི་གདངས་དབྱངས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པར་སྟོན། ཁོང་གི་བརྩམས་ཆོས་དག་གིས་ཨ་རིའི་སྙན་ངག་གི་འཕེལ་རྒྱས་ལ་རྨང་བཏིངས་ཤིང་དུས་རབས་ཉི་ཤུ་པའི་འཛམ་གླིང་སྙན་ངག་གི་སྒྱུ་རྩལ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།
ཁོང་གིས་མི་ཚེ་གང་བོར་རང་དབང་དང་དམངས་གཙོ།འདྲ་མཉམ་གྱི་ཆེད་དུ་ཚེ་སྲོག་དཔང་དུ་བཞག་སྟེ་འབད་འབུངས་མཐར་ཕྱིན་པར་མཛད། མཐར་ཁོང་ལ་མི་འདོད་པའི་ནད་ཡམ་ལྕི་མོ་ཞིག་གིས་གཙེས་ཏེ1892ལོར་རེ་སྙེགས་དང་འདོད་འདུན་འཁུར་ནས་ཕྱི་མའི་ཡུལ་དུ་བཞུད་སོང་བ་རེད།
1984ལོར་ཨ་རིའི་རྩོམ་རིག་གི་དེད་དཔོན་ཝ་ཤིང་ཐོན• ལར་ཝུན་( Washington Irving)ལགས་འཁྲུངས་ནས་ལོ་འཁོར་ཉིས་བརྒྱ་འཁོར་བར་རྗེས་དྲན་ཞུ་བའི་སྐབས་སུ་ནེའུ་ཡོག་གི་ཟིན• ཇོ་ཧཱ་ན་(St. John)ཆོས་ཁང་དུ་སྙན་ངག་པའི་གླིང་(诗人角)ཞེས་པ་གསར་དུ་བཙུགས་ཏེ་ཝེ་ཐུ་མན་གྱི་སྐུ་གདུང་ནང་དུ་ཞུས།
ཁོང་གི་གསུང་རྩོམ་ལ«ཨ་རིའི་བཟོ་བས་བྲན་གཡོག་ལམ་ལུགས་ལ་ངོ་རྒོལ་བྱེད་པ»(1847) དང་《དམངས་གཙོའི་ཕུགས་འདུན》(1882)《མིག་ཆུ》 《ཀྱེ།གྲུ་དཔོན།ང་ཡི་གྲུ་དཔོན་ལགས》(1865)《རང་ཉིད་གླུ་རུ་ལེན་པ》 (1867)《ཀྱེ། དམངས་གཙོ་ལགས།ཁྱེད་ལ་བསྟོད་གླུ་འབུལ》(1960)སོགས་གསུང་རྩོམ་བརྒྱ་ཕྲག་ལྷག་བཞུགས།

发布于 四川