དམ་པ་གོང་མས། ནོར་དང་ལོངས་སྤྱོད་ཅི་ཙམ་ཆེ་ན་ཡང་།། ཡོད་ཀྱིན་ཡོད་དུ་སེར་སྣ་དེ་བས་ཆེ།། ཚོང་པ་ཕྱུག་པོ་ནོར་ཡོད་རིགས་སུ་ནི།། ཚེ་རབས་ཀུན་ཏུ་མི་སྐྱེ་སྨོན་ལམ་ཐོབས།། ཐོབ་དང་གོ་ས་ཅི་ཙམ་མཐོ་ན་ཡང་།། མཐོ་བཞིན་མཐོ་ན་ང་རྒྱལ་དེ་བས་ཆེ།། བཙན་པོའི་སྡེ་དང་དཔོན་པོའི་རིགས་སུ་ནི།། ཚེ་རབས་ཀུན་ཏུ་མི་སྐྱེ་སྨོན་ལམ་ཐོབས།། འདི་སྣང་ཚེ་འདི་བསྒྲུབ་པའི་བན་འཁྱམ་དང་།། དཀོར་ནག་ཆུ་ལ་སྤྱོད་པའི་བླ་སྤྲུལ་སོགས།། ཆོས་གཟུགས་ཤི་གསོན་མགོ་སྐོར་རིགས་སུ་ནི།། ཚེ་རབས་ཀུན་ཏུ་མི་སྐྱེ་སྨོན་ལམ་ཐོབས།། ཞེས་གསུངས།
古德:
受用钱财越无忌,吝啬心则越炽盛,愿我世世勿投生,商贾富贵者之家。
地位权势越超胜,傲慢心则越炽盛,愿我世世勿投生,高官专横者之家。
贪着今生享信财,欺骗生者与亡人,愿我世世勿投生,伪善活佛上师僧。
