25-10-07 22:23

གློ་སྨོན་ཐང་ Mustang
འདི་ནི་གནའ་སྔ་མོ་བོད་ཀྱི་ས་ཆ་ཡིན། གློ་བོ་འམ་གློ་སྨོན་ཐང་ཟེར་བ་བལ་བོད་ས་མཚམས་སུ་ཡོད། འདིར་བོད་ཀྱི་མཁས་པ་དུ་མ་བྱུང་གཙོ་བོ་ས་སྐྱའི་ཆོས་རྒྱུད་དར་ཁྱབ་ཆེ། གློ་བོ་མཁན་ཆེན། མངའ་རི་པདྨ་དབང་གི་རྒྱལ་པོ། གཏེར་སྟོན་ཐོག་མ་སངས་རྒྱས་བླ་མ་ཞུ་བ་སོགས་འདི་ནས་བྱུང་། 
​གློ་ལ་སོ་སོའི་རྒྱལ་པོ་ཡོད། དེ་ཆོས་རྒྱལ་གདུང་རྒྱུད་ཡིན་ཟེར། རྒྱལ་པོའི་ལྕམ་དེ་བོད་ནས་བསུ་སྲོལ་ཡོད། ༢༠༡༦ ཟླ་ ༡༢ ཚེས་ ༡༦ ཉིན་དཔལ་ལྡན་རྒྱལ་པོ་འཇིགས་མེད་རྡོ་རྗེ་དཔལ་འབར་མཆོག་དགུང་གྲངས་ ༨༦ ཐོག་བལ་ཡུལ་གྱི་རྒྱལ་སར་དགོངས་པ་རྫོགས།
ད་ཆ་བལ་བོའི་རྒྱལ་ཁོངས་སུ་ཡོད་པའི་དོལ་པོ་ཞེས་པ་ནི་ཕལ་ཆེ་བ་ལྷོ་སྨོན་ཐང་(གློ་སྨོན་ཐང་ངམ་སྨོན་ཐང་ངམ་གློ་བོ་སྨན་ཐང་སོགས་འབྲི་སྲོལ་མང་དུ་ཡོད་པར་མཐོང་།)དུ་ཡོད་ཅིང་། མི་གྲངས་༡༥༠༠༠ཙམ་ཡོད་པ་དང་། ས་དེའི་ཆ་སྙོམས་ས་བབ་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྨི་༢༥༠༠ཡས་མས་ཡིན་ལ། ལྷོ་སྨོན་ཐང་གི་བྱང་ཕྱོགས་བོད་ཀྱི་གཞིས་རྩེའི་འབྲོང་པ་རྫོང་དང་ས་དགའ་རྫོང་གཉིས་དང་འབྲེལ་ཡོད།
བལ་ཡུལ་དུ་ཡོད་པའི་དོལ་པོ་ནི་ལོ་རྒྱུས་ཐོག་གནའ་བོའི་ཞང་ཞུང་གི་ཁོངས་སུ་གཏོགས་ཤིང་མངའ་རིས་དོལ་པོ་ཞེས་ཡུལ་མི་ཚོའི་ངག་རྒྱུན་དུ་ཡོད། ཕྱིས་སུ་བོད་སིལ་བུར་ཐོར་རྗེས་བཙན་པོའི་རྒྱལ་རྒྱུད་ཀྱི་རྒྱལ་ཕྲན་ཡ་ཙེ་འཛུམ་གླང་དང་། མང་ཡུལ་གུང་ཐང་། ཕྱིས་ཀྱི་གློ་བོ་རྒྱལ་རྒྱུད་བཅས་ཀྱི་ཁོངས་སུ་ཕར་རྩོད་ཚུར་རྩོད་ཀྱིས་བར་དུ་གནས། དུས་རབས་བཅུ་དགུ་བའི་དུས་མཇུག་ཙམ་ནས་རིམ་བཞིན་བལ་ཡུལ་གྱི་རྒྱལ་ཁོངས་སུ་གཏོགས་པར་གྱུར། http://t.cn/AXz2eplZ

发布于 美国